生活中常见的感染,分为细菌感染(如肺炎、急性咽炎等)和病毒感染(如感冒等)两大类。抗生素对细菌感染治疗有效,对病毒感染治疗无效!
抗生素本身是一种药物,不合理使用很容易产生不良反应。滥用抗生素的最大危害,就是导致人类最后无药可救,养出了“超级细菌”!
哪些药是抗生素?
一般含有以下几个字的都是抗生素:西林、头孢、霉素、沙星、硝唑。
含“西林”的药基本属于青霉素类的抗生素,有青霉素过敏史的人一定要避开。
“头孢”药是最常见的一类抗生素,比如头孢拉定、头孢地尼、头孢甲肟等。
含“霉素”的药包括克林霉素、阿奇霉素、罗红霉素等。
含“沙星”的药包括左氧氟沙星等。
含“硝唑”的药包括甲硝唑、奥硝唑等。
注意:
1.抗生素≠消炎药。抗生素对细菌有效,对病毒感染无效。
2.使用抗生素前,务必咨询医生。要足量足疗程使用,避免细菌耐药。
3.滥用抗生素,不仅危害个人身体健康,还会造成细菌耐药,导致人类无药可用。
来源:科普内容系西藏成办医院提供
འཚོ་བའི་ཁྲོད་རྒྱུན་མཐོང་གི་གཉན་ཁ་རྒྱས་པར། དུག་སྲིན་གཉན་ཚད(དཔེར་ན་གློ་ཚད་དང་གྲེ་བའི་གཉན་ཚད་སོགས)དང་ནད་དུག་གཉན་ཚད(དཔེར་ན་ཆམ་ནད་སོགས)རིགས་གཉིས་ཡོད། དུག་སྲིན་འགོག་སྨན་གྱིས་དུག་སྲིན་ལས་བྱུང་བའི་གཉན་ཁ་གསོ་བཅོས་ཐུབ་པ་དང་། ནད་དུག་གི་གཉན་ཁར་ཕན་གྱི་མེད།
དུག་སྲིན་འགོག་སྨན་ནི་སྨན་རྫས་ཤིག་ཡིན་པས། ལུགས་དང་མི་མཐུན་པར་བེད་སྤྱད་ན་ནུས་པ་ལོག་པར་ཐོན་ཞིང་། དུག་སྲིན་འགོག་སྨན་གང་བྱུང་དུ་བེད་སྤྱད་པའི་གནོད་འཚེ་ཆེ་ཤོས་ནི། མིའི་རིགས་ལ་མཐར་སྐྱོབ་བཅོས་ཀྱི་སྨན་མེད་པར་གྱུར་ནས། “བཅོས་ཐབས་བྲལ་བའི་ནད་སྲིན”འཚོ་གནས་ཐུབ་པ་དེ་རེད།
སྨན་རྫས་གང་དག་ནི་དུག་སྲིན་འགོག་སྨན་ཡིན་ནམ།
སྤྱིར་ན་གཤམ་གྱི་རྒྱ་ཡིག་ཡིག་འབྲུ་འདི་དག་འཁོད་ཡོད་ན་དུག་སྲིན་འགོག་སྨན་ཡིན་ཏེ། ཞི་ལིན་དང་། ཐུའོ་པའོ། མེ་སུའུ། ཧྲ་ཤིང་། ཤའོ་ཚོ་བཅས་རེད།
“ཞི་ལིན”གྱི་སྨན་རྒྱུ་འདུས་པ་ཕལ་ཆེ་བ་ནི་ཆིང་མེ་སུའུ་རིགས་ཀྱི་དུག་སྲིན་འགོག་སྨན་དུ་གཏོགས་པས། ཆིང་མེ་སུའུ་མི་འཕྲོད་པའི་མིས་ངེས་པར་དུ་གཡོལ་ཐབས་བྱེད་དགོས།
“ཐུའོ་པའོ”སྨན་ནི་རྒྱུན་མཐོང་གི་དུག་སྲིན་འགོག་སྨན་ཞིག་རེད། དཔེར་ན། ཐུའུ་པོ་ལ་ཏིང་དང་། ཐུའུ་པིའོ་ཏི་ཉི། ཐུའུ་པའོ་ཅྰ་དབོ་སོགས་ལྟ་བུ།
“མའེ་སུའུ”འདུས་པའི་སྨན་ལ་ཁེ་ལིན་མེ་སུའུ་དང་། ཨ་ཆི་མེ་སུའུ། ལུའོ་ཧུང་མེ་སུའུ་སོགས་ཡོད།
“ཧྲ་ཞིན”འདུས་པའི་སྨན་ནི་ཙོའོ་དབྱང་ཧྥུའུ་ཧྲ་ཞིན་སོགས་རེད།
“ཞའོ་ཙོའོ”འདུས་པའི་སྨན་ནི་ཅཱ་ཞའོ་ཙོའོ་དང་ཨའོ་ཞའོ་ཙོའོ་སོགས་རེད།
དོ་སྣང་བྱེད་དགོས་པ།
གཅིག དུག་སྲིན་འགོག་སྨན་དང་གཉན་སྨན་ནི་གཅིག་པ་མ་རེད། དུག་སྲིན་འགོག་སྨན་གྱིས་ནད་སྲིན་ལ་ནུས་པ་ཐོན་པ་དང་ནད་དུག་གྱི་གཉན་ཁར་ནུས་པ་ཐོན་གྱི་མེད།
གཉིས། དུག་སྲིན་འགོག་སྨན་བེད་སྤྱོད་མ་བྱས་གོང་ངེས་པར་དུ་སྨན་པར་སྐད་ཆ་འདྲི་དགོས། སྨན་གདང་ངེས་དང་སྨན་བཅོས་ཀྱི་དུས་རིམ་ཆ་ཚང་བ་བེད་སྤྱད་ནས། དུག་སྲིན་ལ་སྨན་ནུས་མི་ཐོན་པ་སྔོན་འགོག་བྱེད་དགོས།
གསུམ། དུག་སྲིན་འགོག་སྨན་གང་བྱུང་དུ་སྤྱད་ན་རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བ་མ་ཟད། ད་དུང་ནད་འབུར་སྨན་ནུས་མི་ཐོན་པར་གྱུར་ནས། མིའི་རིགས་ལ་ནད་ཀྱི་གཉེན་པོ་སྨན་མེད་པར་འགྱུར་ཉེན་ཡོད།
来源:科普西藏